中国体彩网

图片

加入收藏 | 联系我们
 
 
您现在的位置: 青海统一战线中国体彩网
【双语】学领袖思想 促民族团结 ——著名学者丹珠昂奔到中国体彩网佛学院开展专题讲座
来源:
发布时间: 2021-05-18 10:05:37
编辑: 青海统一战线

གཙོ་འཛིན་དགོངས་པ་སློབ་པར་བརྟེན། མི་རིགས་མཐུན་སྒྲིལ་ལེགས་པར་སྤེལ།

——མཁས་དབང་གྲགས་ཅན་དོན་གྲུབ་དབང་འབུམ་མཚོ་སྔོན་ནང་བསྟན་སློབ་ཆེན་དུ་ཆེད་དོན་འཆད་ཁྲིད་ལ་ཕེབས། 

5月11日至12日,第十三届全国人大民族委员会副主任委员,中央民族大学教授、博士生导师丹珠昂奔应邀到中国体彩网佛学院作了“《认同、自信与自觉》—习近平文化思想之思考”和“习近平中国体彩网新时代民族问题的重要论述”为题的两场专题讲座,省委统战部副部长华秀,省民宗委副主任哈斯巴图分别主持讲座。学院常务副院长拉加和全体经师、学员、教职工,贵德县统战民宗系统全体干部聆听讲座。

སྤྱི་ཟླ5པའི་ཚེས11ནས12བར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། འབུམ་རམས་པའི་སློབ་དཔོན་དོན་གྲུབ་དབང་འབུམ་གྱིས་གདན་ཞུས་ལྟར་མཚོ་སྔོན་ནང་བསྟན་སློབ་ཆེན་དུ༼རིག་གནས་ཀྱི་ངོས་ལེན་དང་། རང་རྟོན། རང་རྟོགས།--------ཞི་ཅིན་ཕིང་གི་རིག་གནས་བསམ་བློའི་བསམ་གཞིགས།༽དང༼ཞི་ཅིན་ཕིང་གི་དུས་རབས་གསར་པའི་མི་རིགས་གནད་དོན་སྐོར་གྱི་རྣམ་བཤད་གལ་ཆེན།༽ཞེས་པའི་ཆེད་དོན་འཆད་ཁྲིད་ཐེངས་གཉིས་གནང་། ཞིང་ཨུད་འཐབ་སྒྲིལ་པུའུ་པུའུ་ཀྲང་གཞོན་པ་དཔལ་ཕྱུག་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧ་སི་པ་ཐར་གྱིས་འཆད་ཁྲིད་ལ་མགོ་འཛིན་བྱས། སློབ་གྲྭའི་རྒྱུན་ལས་གླིང་གཙོ་གཞོན་པ་ལྷ་རྒྱལ་དང་དགེ་བཟོ་བ་ཡོངས་དང་། ཁྲི་ཀ་རྫོང་འཐབ་སྒྲིལ་མི་རིགས་ཆོས་ལུགས་ཁོངས་གཏོགས་ཀྱི་ལས་བྱེད་པ་ཡོངས་བཅས་འཆད་ཁྲིད་ལ་ཞུགས།   

丹珠昂奔以习近平新时代中国特色社会主义思想为指导,紧紧围绕习近平总书记中国体彩网文化认同、文化自信、文化自觉等方面发表的重要讲话,以社会主义文化自信为主线,从文化、中华文化、民族文化等角度,从理论、政策、认识层面回答了中国体彩网文化的重大命题,为大家解疑释惑,引导方向。
དོན་གྲུབ་དབང་འབུམ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་གནང་སྟེ། རིག་གནས་ཀྱི་ངོས་ལེན་དང་། རང་རྟོན། རང་རྟོགས་ཐད་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གཞིར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ངོས་ལེན་གཙོར་བཟུང་ཐོག རིག་གནས་དང་། ཀྲུང་ཧྭའི་རིག་གནས། མི་རིགས་ཀྱི་རིག་གནས་སོགས་ཀྱི་མཐོང་སྣེ་ལས་རིགས་པའི་གཞུང་ལུགས་དང་། སྲིད་ཇུས། ངོས་འཛིན་བཅས་ཀྱི་ཐད་ནས་རིག་གནས་སྐོར་གྱི་བརྗོད་གཞི་གལ་ཆེན་ལ་ལན་འདེབས་དོགས་སེལ་དང་། ཁ་ཕྱོགས་ཁྲིད་སྟོན་ལེགས་པར་གནང་།    

丹珠昂奔深入解读习近平中国体彩网新时代民族问题的重要论述,从基本概念、基本内涵和基本方法等三个方面深刻阐释新时代党和国家民族工作的根本指导思想,深入分析我国社会主要矛盾变化,提出习近平新时代民族问题重要论述体现了思想的马克思主义的时代特点,实践的中国特色和国际场景,运行的中国方式和辩证科学,是新时期做好党和国家民族工作的重要法宝。

དོན་གྲུབ་དབང་འབུམ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་མི་རིགས་གནད་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལ་ཀློག་འགྲེལ་གཏིང་ཟབ་གནང་བར་མ་ཟད། གཞི་རྩའི་དོན་སྤྱི་དང་། གཞི་རྩའི་ནང་དོན། གཞི་རྩའི་བྱེད་ཐབས་བཅས་ཕྱོགས་གསུམ་གྱི་ཐད་ནས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ལས་དོན་གྱི་རྩ་བའི་ཁྲིད་སྟོན་བསམ་བློ་རྒྱས་བཤད་གཏིང་ཟབ་གནང་། ལྷག་ཏུ་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་ལ་དབྱེ་ཞིབ་ཟབ་མོ་གནང་བ་བརྒྱུད། དུས་རབས་གསར་པའི་མི་རིགས་གནད་དོན་གྱི་རྣམ་བཤད་གལ་ཆེན་ནི་བསམ་བློའི་སྟེང་གི་མར་ཁེ་སི་རིང་ལུགས་ཀྱི་དུས་རབས་ཀྱི་ཁྱད་ཆོས་དང་། ལག་ལེན་ངོས་ཀྱི་ཀྲུང་གོའི་ཁྱད་ཆོས་དང་རྒྱལ་སྤྱིའི་རྣམ་པ། འཁོར་སྐྱོད་ཁྲོད་ཀྱི་ཀྲུང་གོའི་རྣམ་པ་དང་རྩོད་སྒྲུབ་ཚན་རིག་སྟེ། དུས་སྐབས་གསར་པའི་ནང་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ལས་དོན་ལེགས་པར་སྒྲུབ་པའི་མཆོག་ནོར་གལ་ཆེན་ཡིན་པའི་ལྟ་བ་བཏོན།      

华秀指出,讲座生动而深刻,理论上有高度,讲述的接地气,思想上有启发,实践上有帮助,为我们紧跟时代步伐、增进文化认同、树牢文化自信、提升文化自觉提供了理论指导,为新形势下进一步做好民族工作、不断增进“五个认同”特别是文化认同、铸牢中华民族共同体意识提供了思想指引和方法路径。

དཔལ་ཕྱུག་གིས་ཐེངས་འདིའི་འཆད་ཁྲིད་གསོན་ཉམས་ལྡན་ཞིང་གཞུང་དོན་ཟབ་པ། རིགས་པའི་གཞུང་ལུགས་ཀྱི་ཚད་མཐོ་ཞིང་། ལག་ལེན་ཐོག་ཕན་ཐོགས་ཆེ་བ་ཞིག་ཡིན་པས། རང་རེ་དུས་རབས་ཀྱི་གོམ་སྟབས་རྗེས་སུ་བསྙེགས་པ་དང་། རིག་གནས་ཀྱི་ངོས་ལེན་ཆེ་རུ་གཏོང་བ། རིག་གནས་ཀྱི་རང་རྟོན་བརྟན་དུ་གཏོང་བ། རིག་གནས་ཀྱི་རང་རྟོགས་མཐོར་འདེགས་པར་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་མཁོ་འདོན་བྱས་ཡོད་པ་དང་། དུས་བབ་གསར་པའི་འོག་མི་རིགས་ཀྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་དང་། རིག་གནས་ཀྱི་ངོས་ལེན་ཆེར་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་ཀྱི་ཐད་ནས་བསམ་བློའི་ཁྲིད་སྟོན་དང་བྱ་ཐབས་ལེགས་པོ་མཁོ་འདོན་བྱས་ཡོད་པར་བསྟན།     

哈斯巴图强调,希望广大师生深入学习领会讲座内容,自觉增强民族团结意识,维护民族团结成果,积极投身并践行民族团结和宗教和谐的各项活动;像爱护自己的眼睛一样珍视民族团结,让“三个离不开”“五个认同”融进血液、植入灵魂,发挥好积极作用。
ཧ་སི་པ་ཐར་གྱིས། རྒྱ་ཆེའི་དགེ་སློབ་རྣམ་པས་འཆད་ཁྲིད་ཀྱི་ནང་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་པ་བརྒྱུད། རང་རྟོགས་ངང་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་གྱི་གྲུབ་འབྲས་ལ་སྲུང་སྐྱོང་བྱེད་པ། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་ཞི་མཐུན་གྱི་བྱེད་སྒོ་ཧུར་ཐག་སྒོས་ཞུགས་པ་བརྟེན་ནས། རང་ཉིད་ཀྱི་མིག་ལ་གཅེས་སྤྲས་ནང་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་ཏེ༼ཁ་འབྲལ་ཐབས་མེད་པ་གསུམ༽དང༼ངོས་འཛིན་གཅིག་མཐུན་ལྔ༽དོན་འཁྱོལ་བྱས་ཏེ་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་རེ་བ་བཏོན།   

此次讲座是中国体彩网佛学院为迎接建党100周年,加强 “四史”教育和民族团结进步教育开展的一次重要活动。大家纷纷表示,讲座主题鲜明、内容丰富、内涵深刻,深有体会、深受启发。为深入理解并掌握习近平新时代民族问题重要论述,科学认识中华文化的丰富内涵,增强中华文化认同,推进民族团结进步事业具有重要的理论指导意义。

ཐེངས་འདིའི་འཆད་ཁྲིད་ནི་མཚོ་སྔོན་ནང་བསྟན་སློབ་ཆེན་གྱིས་ཏང་དབུ་བརྙེས་ནས་ལོ100འཁོར་བར་བསུ་མ་བྱེད་ཆེད་དང་།   ༼ལོ་རྒྱུས་བཞིའི༽སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོར་ཤུགས་སྣོན་བྱེད་ཆེད་དུ་སྤེལ་བའི་བྱེད་སྒོ་གལ་ཆེན་ཞིག་ཡིན་ཞིང་།     དགེ་སློབ་ཡོངས་ཀྱིས་འཆད་ཁྲིད་ཀྱི་བརྗོད་དོན་ཁ་གསལ་ཞིང་།    ནང་དོན་ཕུན་ཚོགས་གཏིང་ཟབ་པ།    མི་རིགས་མཐུན་སྒྲིལ་སྲུང་སྐྱོང་ཐད་བློ་བསྐྱེད་སྦྱིན་ནུས་པའི་མྱོང་ཚོར་ཟབ་མོ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་མི་རིགས་གནད་དོན་གྱི་རྣམ་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལོན་ཐུབ་པ་བཅས་ཀྱི་ཐད་ལ་གཞུང་ལུགས་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་པར་བརྗོད་དོ། །   

相关新闻↓
    [ 返回首页 ] [ 打印 ] [ 进入青新论坛 ] [ 关闭窗口 ]
   
  友情链接
 
中共中央统战部 | 中共重庆市委统战部 | 中共浙江省委统战部 | 中共江西省委统战部 | 中共山西省委统战部 | 中共河南省委统战部 | 中共河北省委统战部 | 中共湖北省委统战部
中共江苏省委统战部 | 中共陕西省委统战部 | 中共湖南省统战部 | 中共湖北省委统战部 | 中共福建省委统战部 | 中共广东省委统战部 | 中共西藏区委统战部
 
中共青海省委统战部主办 青海省国际互联网新闻中心 提供网络支持
本网站所刊登的各种新闻、信息和各种专题专栏资料,版权所有均为中共青海省委统战部,未经协议授权,禁止下载使用。